您所在的位置:首页 > 返回上级 > 资讯详情

༄༅།། རྨ་ཡུལ་གྱི་རིག་གནས། འབྲོག་པ་ཡི་ཡུལ་སྲོལ།

发布时间:2022/5/31 9:42:22   来源:    作者:Admin   阅读:
0

༢༠༢༢ལོའི་ཟླ༥བའི་ཚེས༡༨ཉིན་ནི“རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོ”ཨང་ཞེ་དྲུག་པ་ཡིན་ཞིང་། ལོ་འདིའི་བཤམས་སྟོན་ཁང་གི་བརྗོད་བྱ་གཙོ་བོ་ནི་དངོས་མང་བཤམས་སྟོན་ཁང་ཁག་གི་རིག་དངོས་དག་གི་གཟི་དཔལ་ཕྱིར་མངོན་རྒྱུ་དེ་ཡིན། རིག་གནས་ཀྱི་ཉིན་མོ་འདིའི་བརྗོད་དོན་གཙོར་བཟུང་ནས་བྱེད་སྒོ་ཁྱད་ཆོས་ཅན་སྤེལ་བ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་ཆེད། རྨ་ཆུ་རྫོང་རིག་གནས་ཁང་གིས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དང་འཇམ་དབྱངས་འབྲོག་པའི་རིག་གནས་བཤམས་སྟོན་ཁང་གཉིས་དང་མཉམ་འབྲེལ་བྱས་ཏེ་སློབ་མ་དག་གིས་འབྲོག་པའི་རིག་གནས་ལ་རྒྱུས་ལོན་དང་སློབ་སྦྱོང་། ལྟ་སྐོར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་རེད།

བྱ་འགུལ་སྤེལ་གནས་ཀྱི་འཇམ་དབྱངས་འབྲོག་པའི་རིག་གནས་བཤམས་སྟོན་ཁང་ནི་འབྲོག་པའི་རིག་གནས་ཉར་ཚགས་དང་།འགྲེམས་སྟོན། དྲིལ་བསྒྲགས་བཅས་བྱེད་གནས་ཤིག་ཡིན་ལ། བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༤༠༠ཙམ་དང་།བཤམས་སྟོན་ཁང་ལ་གསོག་ཉར་དངོས་རྫས༢༠༠༠ལྷག་ཡོད། དེ་དག་ནི་རྨ་ཆུའི་འབབ་རྒྱུན་གྱི་འགྱུར་རྡོའི་རིག་གནས་དང་།འབྲོག་པའི་རིག་གནས། གེ་སར་རིག་གནས། གསར་བརྗེའི་རིག་གནས། ཆོས་ལུགས་རིག་གནས་སོགས་རིགས་སྣ་ལྔ་ལྷག་གིས་གྲུབ་པར་བྱས་པ་ཞིག་ཡིན།

ཐེངས་འདིའི་རིག་གནས་མཛད་སྒོའི་སྟེང་རྨ་ཆུ་རྫོང་རིག་གནས་ཁང་གི་འགོ་ཁྲིད་ཚེ་རིང་དོན་གྲུབ་ཀྱིས་ཤིས་ཚིག་ཕུལ་བ་དང་མཉམ་དུ། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ལ་རིག་དངོས་གནའ་ཤུལ་གྱི་དཔེ་དེབ༢༠དང་དམངས་སྲོལ་རིག་གནས་ཀྱི་དཔེ་དེབ༢༠ཁྱོན་དེབ༤༠ཕུལ། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་རིག་གནས་ཁང་ལ་“བརྩེ་སེམས་ཀྱི་རྒྱུན་ཐག་རབ་ཏུ་བརྟན། རིག་གནས་ཀྱི་རླབས་ཤུགས་ཕྱོགས་མཐར་འཕྱོ།” ཞེས་པའི་སྨོན་ཚིག་གི་གཟེངས་རྟགས་ཀྱང་ཕུལ། 

རིག་གནས་བྱེད་སྒོ་འདིའི་སྟེང་གནའ་ཤུལ་རིག་གནས་ཀྱི་འགྲེམས་བྱང༤༧དང་རིག་དངོས་ཅ་ལག༢༠༠༠ལྷག་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ༧༠༠ཙམ་ལ་སློབ་སྦྱོང་དང་ལྟ་སྐོར་བྱེད་དུ་བཅུག ཁོང་ཚོར་རང་ས་རང་ཡུལ་གྱི་འབྲོག་པའི་དམངས་སྲོལ་རིག་གནས་འགྲེམས་སྟོན་བྱས་ཏེ་སློབ་མ་ཚོས་ཡུལ་རྨ་ཆུའི་རིག་གནས་ལོ་རྒྱུས་ཤེས་རྟོགས་བྱེད་དུ་བཅུག་ཡོད་པ་རེད། 


相关推荐

Copyright© 2023    玛曲县文化馆    All Rights Reserved