您所在的位置:首页 > 返回上级 > 资讯详情

༄༅།།རྨ་ཆུ་རྫོང་རིག་གནས་ཁང་གིས་སློབ་གྲྭ་གཉིས་ནས་བྱ་འགུལ་སྤེལ།

发布时间:2020/12/25 10:55:48   来源:    作者:Admin   阅读:
0

༄༅།།རྨ་ཆུ་རྫོང་རིག་གནས་ཁང་གིས་སློབ་གྲྭ་གཉིས་ནས་བྱ་འགུལ་སྤེལ།

རྨ་ཆུ་རྫོང་རིག་གནས་ཁང་གིས་“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་”རིག་གནས་བྱ་འགུལ། “མངོན་མིན་རིག་གནས་རྒྱུད་འཛིན་ལ། ན་ཆུང་སློབ་མར་འདུན་པ་བཅང་།”ཞེས་པ་རང་རྫོང་གི་བོད་སློབ་ཆུང་དང་པོ་དང་གཉིས་པ་རུ་བསྟུད་མར་ཉིན་གཉིས་ལ་སྤེལ།བྱ་འགུལ་སྟེང་རྨ་ཆུ་རྫོང་རིག་གནས་ཁང་གི་འགོ་གཙོ་ཚེ་རིང་དོན་གྲུབ་ལགས་ཀྱིས་གཙོ་འགན་དང་ཀྲུང་གུང་རྨ་ཆུ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཡོན་པོའོ། སློབ་ཆུང་གཉིས་ཀྱི་སློབ་གཙོ་གཉིས་གཙོ་བྱས་རང་རྫོང་གི་མངོན་མིན་རིག་གནས་ཀྱི་རྣམ་གྲངས་ཁ་ཤས་འཁྲབ་སྟོན་དང་པར་རིས་ཀྱི་ལམ་ནས་སློབ་མ་ཚོར་འགྲེམ་སྟོན་བྱས་པ་རེད། རིག་གནས་བྱ་འགུལ་འདིས། སློབ་གྲོགས་ཆུང་ཆུང་ཚོར་རང་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་དགོས་པའི་གལ་ཆེན་རང་བཞིན་ཤེས་སུ་འཇུག་པ། མངོན་མིན་རིག་གནས་ཤུལ་བཞག་གིས་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་། ས་གནས་ཀྱི་ལོ་རྒྱུས་དང་དོན་དངོས་ཀྱི་རིན་ཐང་ཚོར་བ། སྲོལ་རྒྱུན་རིག་གནས་ཀྱི་སྟོབས་ཤུགས་མངོན་པར་བྱས་ནས་རང་རྫོང་གི་སྣ་མང་རིག་གནས་ལ་ཡར་རྒྱས་ཀྱི་གོམ་སྟབས་སྤོ་བ།  ཀྲུང་ཧྭའི་དཔལ་ཡོན་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རྒྱུན་འཛིན་བྱེད་པར་ནུས་པ་གལ་ཆེན་ལྡན་པར་བྱས་ཏེ་ཉིན་བཞིན་ཡར་རྒྱས་འགྲོ་བཞིན་པའི་དུས་རབས་ཀྱི་ཉམས་འགྱུར་དང་རྫོང་ཡོངས་ཀྱི་མི་དམངས་ལ་བསམ་པའི་རིག་གནས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད། 


相关推荐

Copyright© 2023    玛曲县文化馆    All Rights Reserved